设为首页 | 加入收藏
通知公告
当前位置: 网站首页 >> 通知公告
州直卫生系统专项巡察组巡察州直卫生系统公告
发布日期:2024-04-18 作者: 来源:机关党委

按照州委的统一部署,十三届州委第四轮巡察州直卫生系统专项巡察组于2024年4月中旬至2024年7月中旬对州卫生健康委及下属州人民医院、州卫生学校、州藏医医院、州疾控中心、州妇幼保健院、州中心血站、州干部保健局、州医废中心党组织开展政治巡察。

根据《中国共产党巡视工作条例》规定,巡察期间,巡察组主要受理反映州卫生健康委及下属州人民医院、州卫生学校、州藏医医院、州疾控中心、州妇幼保健院、州中心血站、州干部保健局、州医废中心等单位领导班子及其成员、下一级单位(部门)领导班子主要负责人和重要岗位领导干部问题的来信、来电、来访,重点是有关违反政治纪律、廉洁纪律、组织纪律、群众纪律、工作纪律、生活纪律等方面的问题举报和反映。其他不属于巡察受理范围的信访问题,将按规定转交有关部门处理。

为了便于干部群众反映情况,现将巡察组受理举报和反映问题的方式公告如下:

一、设9个固定意见箱:分别设在

州卫生健康委办公楼附属楼一楼过道;

州人民医院门诊楼一楼大厅;

州卫生学校教学楼后门门口;

州藏医医院门诊楼一楼大厅;

州疾控中心办公楼一楼大厅电梯口侧面;

州妇幼保健院业务楼一楼大厅;

州中心血站业务楼一楼楼梯口;

州干部保健局二楼楼梯口;

州医废中心单位大门口。

二、设专门电子邮箱:zzwsxtzxxcz@163.com。

三、设专门值班电话:18034693907,受理时间:8:00--18:00。

四、巡察组受理信访的时限为2024年4月12日至2024年7月10日。


十三届州委第四轮巡察州直卫生系统专项巡察组

2024年4月18日



ཁུལ་ཐད་གཏོཊ་འཕྲོད་བསྟེན་ཁོངས་གཏོཊ་ཆེད་དོན་སྐོར་ཞིབ་ཚོ་ཆུང་གིས་ཁུལ་ཐད་གཏོཊ་འཕྲོད་བསྟེན་ཁོངས་གཏོཊ་ལ་སྐོར་ཞིབ་བྱ་རྒྱུའི་

སྤྱི་ བསྒྲགས།

ཁུལ་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། སྐབས་བཅུ་གསུམ་པའི་ཁུལ་ཨུའི་སྐོར་ཞིབ་ཐེངས་བཞི་བའི་ཁུལ་ཐད་གཏོགས་འཕྲོད་བསྟེན་ཁོངས་གཏོགས་ཆེད་དོན་སྐོར་ཞིབ་ཚོ་ཆུང་གིས2024ལོའི་ཟླ4པའི་ཟླ་དཀྱིལ་ནས2024ལོའི་ཟླ7པའི་ཟླ་དཀྱིལ་བར་དུ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་དང་། ཁུལ་མི་དམངས་སྨན་ཁང་། ཁུལ་འཕྲོད་བསྟེན་སློབ་གྲྭ། ཁུལ་བོད་སྨན་ཁང་། ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས། ཁུལ་མ་བུ་བདེ་སྲུང་ཁང་། ཁུལ་ལྟེ་བའི་ཁྲག་མཛོད་ས་ཚིགས། ཁུལ་ལས་བྱེད་བདེ་སྲུང་ཅུས། ཁུལ་སྨན་སྙིགས་ལྟེ་གནས་བཅས་ཀྱི་ཏང་རྩ་འཛུགས་ལ་ཆབ་སྲིད་ཀྱི་སྐོར་ཞིབ་བྱ་རྒྱུ་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིགགི་གཏན་འབེབས་ལྟར། སྐོར་ཞིབ་ཀྱི་སྐབས་སུ། སྐོར་ཞིབ་ཚོ་ཆུང་གིས་གཙོ་བོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་དང་། དེའི་ཁོངས་སུ་གཏོགས་པའི་ཁུལ་མི་དམངས་སྨན་ཁང་། ཁུལ་འཕྲོད་བསྟེན་སློབ་གྲྭ། ཁུལ་བོད་སྨན་ཁང་། ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས། ཁུལ་མ་བུ་བདེ་སྲུང་ཁང་། ཁུལ་ལྟེ་བའི་ཁྲག་མཛོད་ས་ཚིགས། ཁུལ་ལས་བྱེད་བདེ་སྲུང་ཅུས། ཁུལ་སྨན་སྙིགས་ལྟེ་གནས་སོགས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་པ་དང་ཁོངས་མི། རིམ་པ་འོག་མའི་ལས་ཁུངསསྡེ་ཁགཀྱི་འགོ་ཁྲིད་ཚན་པའི་འགན་ཁུར་པ་གཙོ་བོ་དང་ལས་གནས་གལ་ཆེན་གྱི་འགོ་ཁྲིད་ལས་བྱེད་པའི་གནད་དོན་འཕྲིན་ཡིག་དང་། ཁ་པར། ཞུ་གཏུག་གི་ལམ་ནས་ཡར་ཞུ་བྱེད་པ་བདག་སྤྲོད་བྱ་རྒྱུ་ཡིན། གཙོ་བོ་ཆབ་སྲིད་ཀྱི་སྒྲིག་ལམ་དང་། སྤྱོད་པའི་སྒྲིག་ལམ། རྩ་འཛུགས་ཀྱི་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་སོགས་ལ་འབྲེལ་བའི་གནད་དོན་ཞུ་གཏུག་དང་ཡར་ཞུ་བྱས་པ་ལས། སྐོར་ཞིབ་བདག་སྤྲོད་ཀྱི་ཁོངས་སུ་མི་གཏོགས་པའི་ཡིག་སྐུར་ཞུ་གཏུག་གི་གནད་དོན་ཡོད་ཚེ། གཏན་འབེབས་ལྟར་འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ནས་ཐག་གཅོད་དུ་འཇུག་རྒྱུ་ཡིན།

ལས་བྱེད་པ་དང་མང་ཚོགས་ཀྱིས་གནས་ཚུལ་ཡར་ཞུ་བྱེད་བདེ་བའི་ཆེད་དུ། འདི་ནས་སྐོར་ཞིབ་ཚོ་ཆུང་གིས་ཞུ་གཏུག་བདག་སྤྲོད་བྱེད་སྟངས་དང་གནད་དོན་ཡར་ཞུ་བྱེད་ཚུལ་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར་ཡིན་ཏེ།

དང་པོ། བསམ་འཆར་འདོན་སའི་ཡིག་སྒམ9བཞག་ཡོད་དེ།

ཁུལ་འཕྲོད་བསྟེན་བདེ་ཐང་ཨུའི་གཞུང་ལས་ཐོག་ཁང་ཟུར་གཏོགས་ཁང་གཅིག་ཐོག་གི་བར་ཁྱམས་སུ།

ཁུལ་མི་དམངས་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་གི་གཅིག་ཐོག་གི་ཚོམས་ཆེན་དུ།

ཁུལ་འཕྲོད་བསྟེན་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་གི་ཕྱི་སྒོའི་སྒོ་ཁ་རུ།

ཁུལ་བོད་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་གི་གཅིག་ཐོག་གི་ཚོམས་ཆེན་དུ།

ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་གཞུང་ལས་ཐོག་ཁང་གི་གཅིག་ཐོག་ཚོམས་ཆེན་གྱི་གློག་སྐས་འགྲམ་དུ།

ཁུལ་མ་བུ་བདེ་སྲུང་ཁང་གི་ལས་སྒོ་ཐོག་ཁང་གི་གཅིག་ཐོག་ཚོམས་ཆེན་དུ།

ཁུལ་ལྟེ་བའི་ཁྲག་མཛོད་ས་ཚིགས་ཀྱི་ལས་སྒོ་ཐོག་ཁང་གི་གཅིག་ཐོག་གི་སྐས་མགོར།

ཁུལ་ལས་བྱེད་བདེ་སྲུང་ཅུས་ཀྱི་ཉིས་ཐོག་གི་སྐས་མགོར།

ཁུལ་སྨན་སྙིགས་ལྟེ་གནས་ཀྱི་ལས་ཁུངས་སྒོ་ཁ་རུ།

གཉིས་པ། ཆེད་དམིགས་ཀྱི་གློག་རྡུལ་ཡིག་ཟམ་ཡོད་དེ། zzwsxtzxxcz@163.com

གསུམ་པ། ཆེད་མངགས་ལས་རེས་ཀྱི་ཁ་པར། 18034693907 བདག་སྤྲོད་དུས་ཚོད་ནི8001800བར་ཡིན།

བཞི་བ། སྐོར་ཞིབ་ཚོ་ཆུང་གིས་ཡིག་སྐུར་ཞུ་གཏུག་བདག་སྤྲོད་ཀྱི་དུས་ཡུན་ནི2024ལོའི་ཟླ4པའི་ཚེས12ནས2024ལོའི་ཟླ7པའི་ཚེས10བར་ཡིན།

 

སྐབས་བཅུ་གསུམ་པའི་ཁུལ་ཨུའི་སྐོར་ཞིབ་ཐེངས་བཞི་བའི་ཁུལ་ཐད་གཏོགས་འཕྲོད་བསྟེན་ཁོངས་གཏོགས་ཆེད་དོན་སྐོར་ཞིབ་ཚོ་ཆུང་གིས།

2024ལོའི་ཟླ4པའི་ཚེས18ལ།

 

上一条:中国营养学会关于举办2024年营养指导员师资培训班的通知
下一条:关于开展医疗领域腐败问题和不正之风集中整治工作公告